海北州新冠肺炎疫情防控处置工作指挥部通告
(第三十三号)
为做好近期全州疫情防控工作,巩固来之不易的疫情防控成果,确保全州各族群众身体健康和生命安全,现将有关事项通告如下:
一、积极倡导“非必要不出州”。全州各族干部群众要密切关注国内疫情形势和中高风险地区动态,关注省内涉疫地区疫情信息,非必要不前往中高风险地区和发生本土疫情的地区,倡导“非必要不出州”。各级党政机关、企事业单位要落实主体责任,加强人员外出管理,确需外出的要严格执行审批报备制度,出行前须向本人所在单位、居住地村(社区)报告出行目的地、行程及返回时间,并做好个人防护,返州时也要提前向所在单位、居住地社区(村)报告,按要求落实相关防控措施。
二、提级社会面管控。各县各部门要严格落实“四方”责任,持续强化社会面管控,切实加强重点区域、重点行业、重点人群管理。要严格管理文娱活动,持续强化歌舞游艺娱乐场所、棋牌室(麻将馆)、KTV、影剧院、体育场馆、图书馆、美术馆、娱乐健身场所等室内场所防控措施,强化“扫码”“一米线”、测温、戴口罩等防控措施,要控制公共场所接待规模。景区景点要实行“限量、预约、错峰”要求,减少人员聚集。商场超市、农贸市场、餐饮酒店等公共场所要严格落实常态化防控措施。零售药店对销售退热、止咳、抗病毒、抗生素等“四类药品”销售实行实名信息登记制度,对购药人员有过疫情中高风险地区旅居史、有发热体征等情形的须立即登记报告,要储备满足群众需求的抗原检测试剂,并积极宣传引导群众使用抗原检测试剂。
三、做好自我健康管理。鉴于目前国内流行的奥密克戎变异毒株传播力更强、传播速度更快、传播过程更加隐蔽等特点,请广大干部群众配合疫情防控工作,做到不聚集、不信谣、不传谣,坚持勤洗手、常通风、少聚集、“一米线”等良好习惯,持续做好个人防护,严格落实科学佩戴口罩、测温验码等防控要求,保持安全社交距离,如出现发热、咳嗽、咽痛、乏力、嗅(味)觉减退、腹泻等症状,及时佩戴口罩前往设有发热门诊的医疗机构就诊。
海北州新型冠状病毒感染的肺炎疫情防控处置工作指挥部
2022年8月16日
མཚོ་བྱང་ཁུལ་པྲོག་དབྱིབས་ནད་དུག་གསར་པའི་རིམས་ནད་སྔོན་འགོག་ཐག་གཅོད་ལས་དོན་བཀོད་འདོམས་པུའི་བརྡ་ཁྱབ།
(ཨང་སོ་གསུམ་པ)
གཅིག“དགོས་ངེས་མེད་ཚེ་ཁུལ་ཕྱི་རུ་མི་འགྲོ་བ”ཧུར་ཐག་གིས་སྐུལ་སྤེལ་བྱེད་པ།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་ཀྱི་གནས་ཚུལ་དང་། ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་གནས་ཚུལ་ལ་དོ་ཁུར་དང་། ཞིང་ཆེན་ནང་ཁུལ་གྱི་རིམས་ནད་ས་ཁུལ་གྱི་ཆ་འཕྲིན་ལ་དོ་སྣང་བྱས་ནས། དགོས་ངེས་མེད་ཚེ་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དང་རིམས་ནད་བྱུང་བའི་ས་ཁུལ་དུ་མི་བསྐྱོད་པར།“དགོས་ངེས་མེད་ཚེ་ཁུལ་ཕྱི་རུ་མི་འགྲོ་བ”སྐུལ་སྤེལ་གཏོང་དགོས། རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་དང་ཁེ་ལས་བྱ་གཞག་ལས་ཁུངས་ཀྱིས་གཙོ་འཁྲིའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཕྱི་རུ་འགྲོ་བའི་མི་སྣ་དོ་དམ་བྱེད་པར་ཤུགས་སྣོན་དགོས་ལ། ངེས་པར་ཕྱི་རུ་འགྲོ་དགོས་ཚེ་མཆན་འགོད་སྙན་ཞུ་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས་པ་དང་། ཕྱི་རུ་མ་སོང་གོང་ལ་ངེས་པར་དུ་རང་ཉིད་གནས་སའི་ལས་ཁུངས་དང་འདུག་སའི་སྡེ་བ(སྡེ་ཁུལ)ལ་ཕྱི་རུ་འགྲོ་བའི་དམིགས་ཡུལ་དང་འགྲུལ་བཞུད་ལམ་ཐིག ཕྱིར་ལོག་དུས་ཚོད་བཅས་སྙན་སེང་ཞུ་དགོས་པ་མ་ཟད། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་ལ་ཕྱིར་ཁུལ་དུ་ལོག་དུས་ཀྱང་གནས་སའི་ལས་ཁུངས་དང་འདུག་སའི་སྡེ་བ(སྡེ་ཁུལ)ལ་སྙན་སེང་ཞུ་དགོས་པ་དང་། འབྲེལ་ཡོད་བླང་བྱ་ལྟར་རིམས་ནད་སྔོན་འགོག་གི་བྱེད་ཐབས་ལག་བསྟར་བྱེད་དགོས།
གཉིས། སྤྱི་ཚོགས་ཀྱི་ངོས་ནས་རིམ་པ་མཐོ་རུ་བཏང་ནས་དོ་དམ་བྱེད་པ།རྫོང་དང་སྡེ་ཁག་དག་གིས“ཕྱོགས་བཞིའི”འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། སྤྱི་ཚོགས་ངོས་ཀྱི་དོ་དམ་ཚོད་འཛིན་ལ་མུ་མཐུད་དུ་ཤུགས་བསྣན་ནས། གཙོ་གནད་མངའ་ཁོངས་དང་ལས་རིགས། གཙོ་གནད་མི་ཚོགས་བཅས་ལ་དོ་དམ་བྱེད་པར་དོན་དམ་པས་ཤུགས་སྣོན་དགོས། རིག་གནས་རོལ་རྩེད་བྱེད་སྒོར་དོ་དམ་ནན་མོ་དང་། གླུ་གར་རོལ་རྩེད་བྱ་ཡུལ་དང་མིག་མངས་ཁང་། (ཤོ་སྦག་ཁང)KTV གློག་བརྙན་ཟློས་གར་ཁང་། ལུས་རྩལ་ར་བ། དཔེ་མཛོད་ཁང་། མཛེས་རྩལ་ཁང་། རོལ་རྩེད་ལུས་སྦྱོང་བྱ་ཡུལ་སོགས་ཁང་པའི་ནང་གི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་མུ་མཐུད་ཤུགས་བསྣན་ནས།“ཨང་རིས་བཤེར་པ”དང་། “སྨི་གཅིག་གི་བར་ཐག་འཇོག་པ” ལུས་དྲོད་འཇལ་བ། ཁ་འཐུམ་རྒྱག་པ་སོགས་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱོད་དགོས་པ་དང་། འདུ་འཛོམས་བྱ་ཡུལ་གྱི་སྣེ་ལེན་གཞི་ཁྱོན་ལ་ཚོད་འཛིན་བྱེད་དགོས། མཛེས་ལྗོངས་ཁུལ་དུ“ཚད་བཀག་དང་ཁ་ཆད། སྒང་བྱོལ”བཅས་ཀྱི་བླང་བྱ་ལག་བསྟར་བྱས་ནས། མི་སྣ་འདུ་འཛོམས་ཇེ་ཉུང་དུ་གཏོང་དགོས། ཁྲོམ་རའི་ཚོང་ཁང་དང་ཞིང་ལས་ཉོ་ཚོང་ཁྲོམ་ར། བཟའ་བཏུང་མགྲོན་ཁང་སོགས་སྤྱི་པའི་འདུ་གནས་སུ་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་དགོས། སིལ་འཚོང་སྨན་རྫས་ཚོང་ཁང་གིས་ཚ་བ་སེལ་བ་དང་གློ་ལུ་འགོག་པ། ནད་དུག་འགོག་པ། དུག་སྲིན་འགོག་སྨན་སོགས“རིགས་བཞིའི་སྨན་རྫས”ཕྱིར་འཚོང་བྱེད་པར་དངོས་མིང་ཐོ་འགོད་ཀྱི་ལམ་ལུགས་ལག་བསྟར་དང་། སྨན་ཉོ་མཁན་དེར་རིམས་ནད་ཉེན་ཁ་ཡོད་པའི་ས་ཁུལ་དུ་སོང་བའི་གནས་ཚུལ་ཡོད་པ་དང་ཚ་བ་རྒྱས་པའི་ལུས་རྟགས་གནས་ཚུལ་སོགས་ཡོད་ཚེ། འཕྲལ་མར་ཐོ་འགོད་སྙན་ཞུ་བྱེད་དགོས་པ་དང་། མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པའི་ཞིབ་བཤེར་ཚད་ལེན་གྱི་སྨན་རྫས་འདང་ངེས་ཤིག་གྲ་སྒྲིག་བྱེད་དགོས།
གསུམ། རང་ཉིད་ཀྱི་བདེ་ཐང་ལ་དོ་དམ་ཡག་པོ་བྱེད་པ། མིག་སྔར་རྒྱལ་ནང་དུ་དར་ཁྱབ་ཆེ་བའི་ཨའོ་སྨི་ཁེ་རོང་གི་ནད་དུག་ཁྱབ་སྤེལ་ནུས་པ་ལྷག་ཏུ་ཆེ་བ་དང་། བརྒྱུད་སྤེལ་དེ་བས་མགྱོགས་པ། ཁྱབ་སྤེལ་བརྒྱུད་རིམ་དེ་བས་མངོན་མི་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་བྱས་ཏེ། འདུ་འཛོམས་མི་བྱེད་པ་དང་དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་སྤེལ་བ་བཅས་བྱས་ནས། ལག་པ་གཙང་བཀྲུ་དང་ཁ་དབུགས་རྒྱུག་ཏུ་འཇུག་པ། འདུ་འཛོམས་ཇེ་ཉུང་དུ་གཏོང་བ། བར་ཐག་སྨི་གཅིག་འཇོག་པ་སོགས་ཀྱི་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རང་ཉིད་ཀྱི་འགོག་སྲུང་ལེགས་པོར་སྒྲུབ་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པ་དང་ལུས་དྲོད་འཇལ་བ། ཨང་རིས་བཤེར་བ་སོགས་ཀྱི་བླང་བྱ་ལག་ཏུ་བསྟར་ནས། བདེ་འཇགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་དགོས་ལ། གལ་ཏེ་ཚ་རྒྱས་པ་དང་གློ་ལུ་བ། མིད་པ་ན་བ། ལུས་སྟོབས་ཇེ་ཞན་དུ་འགྲོ་བ། དྲི་ཚོར་ནུས་པ་ཇེ་ཞན་དུ་འགྲོ་བ། ཕོ་བ་ན་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། མྱུར་དུ་ཁ་ཐུམ་བརྒྱབ་ནས་ཚ་རྒྱས་སྒོ་བསྟེན་ཡོད་པའི་སྨན་ཁང་དུ་སྨན་པ་སྟོན་དུ་འགྲོ་དགོས།
མཚོ་བྱང་ཁུལ་གྱི་པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུ།
2022ལོའི་ཟླ8ཚེས16ཉིན།