苏州市
政策通知公告

藏汉双语|海北州新冠肺炎疫情防控处置工作指挥部关于在全州范围开展全员核酸检测的通告(第三十九号)

2022/08/21 1.6w 阅读 227 点赞

海北州新冠肺炎疫情防控处置工作指挥部关于在全州范围开展全员核酸检测的通告

(第三十九号)

为有效阻断疫情传播渠道,保障人民群众身体健康和生命安全,经州新冠肺炎疫情防控处置工作指挥部研究,决定在全州开展全员核酸检测,现将有关事项告知如下:一、检测范围门源县、祁连县、刚察县、海晏县及州直范围内所有居民(含本地常住人口、暂住人口、临时流动人口等)。二、检测时间2022年8月23日(星期二),州直机关采样时间为9:00—12:00,四县采样时间自行发布。三、注意事项1.请符合检测范围的辖区居民密切关注各县疫情防控处置工作指挥部公布的核酸检测点位,按照所在镇(街道)、村(社区)的通知,前往就近采样点进行采样,做到应检尽检。2.辖区内各级机关企事业单位(含各驻州单位)要严格落实疫情防控主体责任,组织动员本单位干部职工在就近的核酸检测采样点配合完成核酸采样工作。3.核酸采样时,请提前准备好采集码,采集过程中全程正确佩戴口罩,并与他人保持2米间隔,不交谈,不聚集。做完核酸检测后,请不要逗留。4.在48小时内接种过新冠疫苗的人员以及前期阳性治愈人员,不参加本轮核酸检测采样。5.采样前30分钟内请勿吸烟、喝酒、嚼口香糖等,以防影响检测结果。6.儿童、老人等特殊人群需在监护人或家人的陪同下进行核酸采样。对行动不便等原因无法参与现场采样的高龄老人、残疾人,可联系所在村(社区)做好登记,核实基本情况后安排医务人员上门采样。7.不参加核酸检测将会给您及他人的生活和健康带来诸多影响,无正当理由拒不配合、妨碍疫情防控或造成其他严重后果的,将依法承担相应法律责任。

8.本次检测仅显示检测结果,不出具核酸检测报告。


请广大干部职工和居民按要求参加核酸检测,做到应检尽检,合力巩固我州来之不易的疫情防控成果。


海北州新型冠状病毒感染的肺炎

疫情防控处置工作指挥部

2022年8月22日


མཚོ་བྱང་ཁུལ་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའི་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཉིང་སྐྱུར་བཤེར་འཇལ་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།

(ཨང་སོ་དགུ་བ)

རིམས་ནད་མཆེད་ལམ་འགོག་པ་དང་། མི་དམངས་མང་ཚོགས་ཀྱི་གཟུགས་པོའི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཁུལ་པྲོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུས་ཞིབ་འཇུག་བྱས་པ་བརྒྱུད། ཁུལ་ཡོངས་སུ་ཉིང་སྐྱུར་བཤེར་འཇལ་བྱ་རྒྱུ་ཐག་བཅད་ཅིང་། ད་ཆ་འབྲེལ་ཡོད་དོན་ཚན་ཁག་གསལ་བཤད་བྱ་རྒྱུ་གཤམ་གསལ་ལྟར།

གཅིག བཤེར་འཇལ་ཁྱབ་ཁོངས།

འཇུ་ལག་རྫོང་དང་མདོ་ལ་རྫོང་། རྐང་ཚ་རྫོང་། མདའ་བཞི་རྫོང་བཅས་དང་། དེ་བཞིན་ཁུལ་ཐད་གཏོགས་ཁྱབ་ཁོངས་ནང་གི་སྡོད་དམངས་ཡོངས(རང་ས་གནས་ཀྱི་རྒྱུན་སྡོད་མི་དང་སྐབས་སྡོད་མི། གནས་སྐབས་འགྲོ་སྐྱོད་བྱེད་པའི་མི་སོགས་ཚུད)ཡིན།

གཉིས། བཤེར་འཇལ་དུས་ཚོད།

2022ལོའི་ཟླ8ཚེས23ཉིན(གཟའ་མིག་དམར)ཁུལ་ཐད་གཏོགས་ལས་ཁུངས་ཀྱི་མ་དཔེ་ལེན་པའི་དུས་ཚོད་ནི་སྔ་དྲོའི9:00-12:00བར་ཡིན་པ་དང་། རྫོང་བཞིའི་མ་དཔེ་ལེན་པའི་དུས་ཚོད་རང་རང་གིས་ཁྱབ་སྒྲོག་བྱེད་དགོས།

གསུམ། མཉམ་འཇོག་བྱ་ཡུལ།

1.བཤེར་འཇལ་ཁྱབ་ཁོངས་སུ་ཚུད་པའི་ཁོངས་གཏོགས་སྡོད་དམངས་ཀྱིས་རྫོང་སོ་སོའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུས་ཁྱབ་བསྒྲགས་བྱས་པའི་ཉིང་སྐྱུར་བཤེར་འཇལ་ས་ཚིགས་ལ་དོ་ཁུར་ཆེན་པོ་བྱས་ཏེ། རང་གནས་སའི་གྲོང་རྡལ(སྲང་ལམ)དང་སྡེ་བ(སྡེ་ཁུལ)གྱི་བརྡ་ཐོ་གཞིར་བཟུང་ནས། ཐག་ཉེ་སའི་མ་དཔེ་ལེན་སར་སོང་ནས་མ་དཔེ་ལེན་དུ་བཅུག་སྟེ། བཤེར་འོས་ཡོངས་བཤེར་ཐུབ་པ་བྱེད་དགོས།

2.ཁོངས་གཏོགས་ཀྱི་རིམ་པ་སོ་སོའི་ལས་ཁུངས་དང་ཁེ་ལས་བྱ་གཞག་ལས་ཁུངས(ཁུལ་བཅའ་སྡོད་ལས་ཁུངས་སོ་སོའང་ཚུད)ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་བདག་གི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། རང་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་པ་ཐག་ཉེ་སའི་ཉིང་སྐྱུར་བཤེར་འཇལ་མ་དཔེ་ལེན་སར་སོང་ནས་མ་དཔེ་ལེན་དུ་འཇུག་པར་སྒྲིག་འཛུགས་དང་སྐུལ་སློང་བྱེད་དགོས།  

3.ཉིང་སྐྱུར་མ་དཔེ་ལེན་སྐབས་ཡར་སྔོན་ནས་དཔེ་ལེན་རྟགས་རིས་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང་། དེའི་བརྒྱུད་རིམ་ཧྲིལ་པོར་ཁ་ཐུམ་ཡང་དག་རྒྱག་པ་མ་ཟད། མི་གཞན་དང་སྨི་གཉིས་ཀྱི་བར་ཐག་འཛིན་དགོས་ཤིང་། ཁ་བརྡ་དང་འདུ་འཛོམས་བྱེད་མི་རུང་། ཉིང་སྐྱུར་བཤེར་འཇལ་བྱས་རྗེས་ལམ་སང་དེ་གར་ཁ་འབྲལ་དགོས།

4.ཆུ་ཚོད48ནང་པྲོག་གསར་འགོག་ཁབ་བརྒྱབ་པའི་མི་དང་ཡར་སྔོན་གདགས་གཤིས་ཡིན་པ་དྲག་སྐྱེད་བྱུང་བའི་མི་རེས་སྐོར་འདིའི་ཉིང་སྐྱུར་བཤེར་འཇལ་གྱི་མ་དཔེ་ལེན་པའི་ཁྲོད་ཞུགས་མི་དགོས།

5.མ་དཔེ་མ་བླངས་གོང་གི་སྐར་མ་སུམ་ཅུའི་ནང་ཐ་མག་མི་འཐེན་པ་དང་ཆང་མི་འཐུང་བ། ཁ་མངར་ཐང་ཆུ་མི་ལྡད་པ་སོགས་བྱས་ཏེ། བཤེར་འཇལ་མཇུག་འབྲས་ལ་གནོད་པ་མི་འབྱུང་བ་བྱ་དགོས།

6.བྱིས་པ་དང་རྒན་པ་སོགས་དམིགས་བསལ་མི་ཚོགས་ལྟ་སྐྱོང་བྱེད་མཁན་ནམ་ཡང་ན་ཁྱིམ་མིའི་འགྲོ་རོགས་འོག་ཉིང་སྐྱུར་གྱི་མ་དཔེ་ལེན་དུ་འགྲོ་དགོས། འགྲོ་འདུག་སྟབས་མི་བདེ་བ་སོགས་ཀྱི་རྐྱེན་གྱིས་ཡུལ་དངོས་སུ་མ་དཔེ་ལེན་དུ་འགྲོ་མི་ཐུབ་པའི་ལོ་ན་མཐོ་བའི་རྒན་པ་དང་དབང་པོ་སྐྱོན་ཅན་དག་གིས་རང་གནས་སའི་སྡེ་བ(སྡེ་ཁུལ)ལ་འབྲེལ་གཏུག་བྱས་ནས་ཐོ་འགོད་ཡག་པོ་བྱེད་དགོས་ཤིང་། གནས་ཚུལ་ངོ་མ་ཡིན་ན། སྨན་པ་སྒོ་ཁར་མ་དཔེ་ལེན་དུ་ཡོང་གི་བཅུག་ཆོག

7.ཉིང་སྐྱུར་བཤེར་འཇལ་བྱེད་པར་མ་ཞུགས་ན་ཁྱེད་དང་གཞན་གྱི་འཚོ་བ་དང་བདེ་ཐང་ལ་ཤུགས་རྐྱེན་མང་པོ་ཐེབས་སྲིད་ཅིང་། ལུགས་མཐུན་གྱི་རྒྱུ་མཚན་མེད་པར་གཞོགས་འདེགས་མི་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོ་བའམ་ཡང་ན་མཇུག་འབྲས་ཚབས་ཆེན་གཞན་དག་བཟོས་རིགས། ཁྲིམས་ལྟར་དེ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་ཁུར་དགོས།

8.ཐེངས་འདིའི་བཤེར་འཇལ་གྱི་མཇུག་འབྲས་ལ་ལྟ་ཐུབ་པ་ཙམ་ལས་ཉིང་སྐྱུར་བཤེར་འཇལ་གྱི་སྙན་ཞུའི་ཡི་གེ་མི་སྤྲོད།

རྒྱ་ཆེའི་ལས་བྱེད་ལས་བཟོ་པ་དང་སྡོད་དམངས་ཀྱིས་བླང་བྱ་གཞིར་བཟུང་ཉིང་སྐྱུར་བཤེར་འཇལ་ཁྲོད་ཞུགས་ཏེ། བཤེར་འོས་ཡོངས་བཤེར་ཐུབ་པ་བྱས་ནས། རང་ཁུལ་གྱི་ཐོབ་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་དགོས།

མཚོ་བྱང་ཁུལ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའི་གཞུང་ལས་ཁང་གིས་སྤེལ།

མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྱུར།2022ལོའི་ཟླ8པའི་ཚེས22ཉིན།

免责声明: 本文信息仅供参考,具体政策以官方最新发布为准。如有疑问,请拨打相关部门咨询电话或前往官方网站查询。

标签:通知公告

评论 (2)

我
苏
苏州市民2026-03-18 15:30

非常实用的信息,感谢分享!

科
科技爱好者2026-03-18 14:20

这篇文章写得很详细,有帮助!